ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཡི་ཤུ་ཆོས་དད་པ།


གཟའ་འཁོར་འདིའི་ནང་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ཡི་ཤུའི་ཆོས་དད་པ་ཚོའི་ཐད་ ཚོགས་འདུ་ཞིག་འཚོག་འཆར་ཡོད་པར་ ཆོས་དད་པ་མང་པ་ཞིག་གིས་ ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི་ ཡི་ཤུའི་ཆོས་དད་པ་ཚོོར་ཐོག་སྟངས་འཛིན་དང་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། དེང་སྐབས་ཡི་ཤུའི་ཆོས་དད་པའི་གྲངས་འབོར་ཇེ་མང་དུ་འགྲོ་གི་ཡོད་པར་བརྟེན་ གཞུང་གི་དཔོན་རིགས་ཚོས་ བློ་འཚབ་ཆེན་པོ་བྱེད་ཀྱི་་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG