ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་འོས་མི་རྣམས་ཀྱིས་སི་རི་ཡ་ནས་སྐྱབས་བཅོལ་བ་ལེན་རྒྱུའི་བསམ་ཚུལ་ལ་འགྱུར་བ་ཕྱིན་ཡོད་པ།


ཕྷི་རེན་སིའི་རྒྱལ་ས་པེ་རི་སེར་ ཁ་ཆེ་མཐར་ལྷུང་དྲག་སྤྱོད་པས་རྒོལ་བརྡུང་བཏང་སྟེ་ མི་ཧ་ཅང་མང་པོར་ཤི་རྨས་ཀྱི་གནས་ཚུལ་ཚབས་ཆེན་བྱུང་བ་ལ་བརྟེན་ནས་ དམག་འཁྲུག་གི་གོད་ཆགས་ཆེ་བའི་དཀྱིལ་ཤར་ཡུལ་གྲུ་ སི་རི་ཡ་ནས་ ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་སྐྱབས་བཅོལ་དུ་ཡོང་མཁན་རྣམས་ལ་ སྐྱབས་བཅོལ་སྤྲོད་དགོས་དང་མི་དགོས་ཀྱི་གནད་དོན་དེ་ནི་ ད་ཆ་ ཨ་མི་རི་ཀའི་ཆབ་སྲིད་ཀྱི་ནང་བགྲོ་གླེང་བྱེད་གཞིའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད་ དེ་ཡང་ སི་རི་ཡ་ནས་སྐྱབས་བཅོལ་བ་ལེན་རྒྱུའི་གནད་དོན་དེ་ནི་ ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་མི་རྣམས་ཀྱི་བགྲོ་གླེང་གི་སྐབས་སུ་གླེང་སློང་བྱེད་གཞི་གཙོ་བོ་ཞིག་ཏུའང་གྱུར་ཡོད་ཅིང་ སྤྱི་མཐུན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་མཱར་ཀོ་ རཱུ་བྷི་ཡོས་ སྐྱབས་བཅོལ་བ་དེ་རྣམས་ཁ་ཆེ་མཐར་ལྷུང་དྲག་སྤྱོད་པ་དང་འབྲེལ་བ་ཡོད་མེད་ཤེས་རྟོགས་ཐུབ་རྒྱུ་ནི་ ཧ་ཅང་གི་ཁག་པོ་ཡིན་པ་ཙམ་མ་ཡིན་པར་ ཤེས་རྟོགས་ཐུབ་ཐབས་མེད་པ་ཞིག་ཀྱང་ཡིན་སྟབས་ཨ་མི་རི་ཀས་སི་རི་ཡ་ནས་སྐྱབས་བཅོལ་བ་ལེན་རྒྱུ་ཕྱིར་འཐེན་བྱེད་དགོས་པ་ཡིན་ཞེས་ གཟའ་ཉི་མའི་ཉིན་ བརྗོད་ཡོད་པ་དེ་ནི་ ཁོང་གི་དེ་སྔའི་ལང་ཕྱོགས་ལ་གྱུར་བ་ཕྱིན་པ་ཞིག་ཆགས་ཡོད་པ་རེད།

XS
SM
MD
LG