ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གཞུང་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་ཀྱི་གཟིགས་ཕྱོགས་བསྒྲཊ་དོན།


ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ནཱན་སི་པེ་ལོ་སེ་ཉིན་ཤས་གོང་དུ་བོད་ལ་གཟིགས་སྐོར་དུ་ཕེབས་ཡོད་ཅིང་། དེ་རིང་ཕྱི་ཟླ་༡༡་ཚེས་༡༣་ཉིན་རྒྱ་ནག་གི་གཞུང་གཉེར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཞི་ནས་གསར་འགྱུར་དེ་གསལ་བསྒྲགས་བྱས་འདུག ཁོ་ཚོའི་བསལ་བསྒྲགས་ནང་དུ་ལྕམ་པེ་ལོ་སེས་རྒྱ་ནག་ལ་བསྔགས་བརྗོད་བྱས་ཡོད་ཚུལ་གྱི་ཚིག་རེ་ཟུང་མ་གཏོགས་སྐད་ཆ་ངོ་མ་ཅི་ཞིག་བཤད་ཡོད་མེད་ཀྱི་ཐད་ལ་འགྲེལ་བརྗོད་གང་ཡང་བྱས་མེདརུང་། བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་མི་སྣ་ཞིག་གིས་ནཱན་སི་པེ་ལོ་སེས་བོད་དོན་དང་རྒྱ་བོད་འབྲེལ་མོལ་ཐད་ལ་སྐད་ཆ་བཤད་ཡོད་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG