ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇི་བ་འཇིགས་སྐུལ་རིང་ལུགས་པ་ཇཱི་ཧ་དཱི་ཇཱོན་ཟེར་པའི་མི་དེས་ཨ་མི་རི་ཀ་བ་དང་དབྱི་ཇི་བ། ཉི་ཧོང་བ་སོགས་རྒྱལ་ཁབ་འགའ་ཞིག་གི་གསར་འགོད་པ་དང་རོགས་སྐྱོར་པ་འགའ་ཞིག་གིས་སྐེ་བཅད་ནས་བསད་ཅིང་། ཁོ་པས་གསར་འགོད་པ་དང་རོགས་སྐྱོར་པ་ཚོ་གདུག་རྩུབ་ཆེན་པོས་དམར་གསོད་བྱེད་ཀྱི་ཡོད་པའི་བརྙན་འཕྲིན་རྣམས་དྲ་ལམ་དུ་བཀྲམ་ནས་བཟུང་། ཇཱི་ཧ་དཱི་ཇཱོན་ཨ་མི་རི་ཀ་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྡང་དགྲ་གཙོ་གྲས་ཤིག་ལ་གྱུར་ཡོད། དེ་རིང་ཕྱི་ཟླ་༡༡་ཚེས་༡༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཨ་མི་རི་ཀའི་ཁ་ལོ་བ་མེད་པའི་འཕུར་གྲུ་ཞིག་གིས་སི་རི་ཡའི་ར་གྷ་ས་ཁུལ་གྱི་རླངས་འཁོར་ཞིག་ལ་མེ་ཤུགས་འཕུར་མདེལ་བརྒྱབ་སྟེ། མེ་ཤུགས་འཕུར་མདེལ་དེའི་གཏོར་རྒོལ་གྱི་དམིགས་འབེན་གཙོ་བོ་དབྱིན་ཇི་བ་འཇིགས་སྐུལ་རིང་ལུགས་པ་ཇཱི་ཧ་དཱི་ཇཱོན་གསོད་ཐབས་ཡིན་རུང་། ད་དུང་ཡང་ཁོ་པ་རླངས་འཁོར་དེའི་ནང་དུ་དངོས་སུ་ཡོད་མེད་དང་སྐབས་དེར་གསོད་ཐུབ་ཡོད་མེད་རྣམས་ངེས་གཏན་གསལ་བོ་ཞིག་མེད་པ་རེད།

XS
SM
MD
LG