ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལྷོ་ཕྱོགས་ཆེ་ནེའི་འཕྲུལ་རིག་སློབ་གཉེར་ཁང་རུ་༧གོང་ས་མཆོག་གིས་གསུང་བཤད་གནང་བ།


ཕྱི་ཟླ་༡༡ ཚེས་༡༠ གཟའ་མིག་དམར་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་ལྷོ་ཕྱོགས་ཆེ་ནེའི་གྲོང་ཁྱེར་དུ་མཛད་འཕྲིན་ཁག་གཅིག་བསྐྱངས་ཡོད་པའི་ཁོངས་ནས་རྒྱ་གར་ནང་སྙན་གྲགས་ཆེ་བའི་འཕྲུལ་རིག་སློབ་གཉེར་ཁང་གི་དམིགས་བསལ་གཏམ་བཤད་ལས་རིམ་ཚན་པའི་ཆ་ཤས་སུ་གདན་ཞུ་ཕུལ་བ་ལྟར་ཆིབས་སྒྱུར་གནང་ཡོད་པ་རེད། སློབ་ཕྲུག་གཙོ་བོར་གྱུར་པ་ཚོགས་ཁང་དུ་འཛོམས་པའི་མི་གྲངས་༣༠༠༠ ལྷག་གིས་གང་གི་གསུང་བཤད་ལ་གསན་ཡོད་པ་དང་། ལས་རིམ་དུ་ཞུགས་མཁན་རྒྱ་གར་བ་ཁག་གཅིག་གིས་མཇལ་རྒྱུའི་སྐལ་བཟང་ཐོབ་པའི་སྐོར་སློབ་གཉེར་ཁང་དེའི་འགན་འཛིན་གྱིས་དྲ་རྒྱའི་ཐོག་ཟིན་བྲིས་སྤེལ་ཡོད་པའི་སྐོར། གནས་ཚུལ་ཞིབ་ཕྲ་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG