ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྐོག་ཟ་བྱས་ཏེ་ཕྱི་ལ་བྲོས་མཁན་རྣམས་འཇུ་བཟུང་བྱ་རྒྱུའི་རྒྱ་གཞུང་གི་ཐབས་བྱུས་ལ་འགྱུར་བ།


རྒྱ་ནག་རྒྱལ་ནང་དུ་ལྐོག་ཟ་བྱས་ཏེ་ རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་མཁན་རྣམས་འཛིན་བཟུང་བྱ་རྒྱུའི་ཆེད་དུ་ རྒྱ་ནག་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཆོག་མཆན་མེད་པར་ རང་གི་ཞིབ་དཔྱོད་མི་སྣ་ཡུལ་གྲུ་དེ་དག་གི་ནང་མངགས་གཏོང་བྱེད་ཀྱི་ཡོད་པར་ སྐྱོན་བརྗོད་མང་དག་ཅིག་བྱུང་བའི་རྗེས་སུ་ ད་ཆ་རྒྱ་ནག་གཞུང་གིས་ མི་སྣ་དེ་རིགས་འཛིན་བཟུང་བྱ་རྒྱུའི་ཐབས་བྱུས་ལ་འགྱུར་བ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ སྤྱི་དངུལ་ཕོན་ཆེ་ལྐོག་ཟ་བྱས་ཏེ་ ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བྲོས་བྱོལ་དུ་འགྲོ་མཁན་རྒྱ་ནག་གི་མི་སྣ་དེ་གྲས་ རང་ཡུལ་ལ་ལ་ཕྱིར་སློག་ཡོང་ཐབས་བྱེད་པའི་ལས་དོན་གྱི་འགན་འཛིན་ལིའུ་ ཅཱི་ཨན་ཁཱའོ་ཡིས་ ད་ཆ་ང་ཚོས་དོགས་ཡོད་རྣམས་རང་ཡུལ་ལ་ཕྱིར་སློག་ཡོང་ཐབས་སུ་ ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྲིད་གཞུང་དང་མཉམ་ལས་གཏིང་ཟབ་བྱེད་ཀྱི་ཡོད་པ་ལས་ ཡུལ་གྲུ་དེ་དག་གི་ཆོག་མཆན་མེད་པར་ཞིབ་དཔྱོད་པ་མངགས་གཏོང་བྱེད་པའི་ཐབས་བྱུས་དེ་ལག་བསྟར་བྱེད་ཀྱི་མེད་ཅེས་ དབྱིན་ཡུལ་ནང་གསར་འགོད་པས་གནས་འདྲི་བྱེད་པའི་སྐབས་བརྗོད་ཡོད་འདུག

XS
SM
MD
LG