ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཀ་ཏ་ལོ་ནི་ཡ་མངའ་སྡེ་སེ་པེན་ནས་ལོགས་སུ་རང་བཙན་བྱ་རྒྱུའི་གྲོས་ཆོད་བཞག་འདུག


གཟའ་ཟླ་བའི་ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་སེ་པེན་གྱི་ཀ་ཏ་ལོ་ནི་ཡ་མངའ་སྡེའི་གྲོས་ཚོགས་ཀྱིས་མངའ་སྡེ་དེ་སེ་པེན་ནས་ལོགས་སུ་རང་དབང་རང་བཙན་བྱ་རྒྱུའི་གྲོས་ཆོད་ཅིག་བཞག་འདུག་པར་བརྟེན་ས་གནས་དེ་དང་སེ་པེན་གྱི་དབུས་གཞུང་གཉིས་དབར་མི་མཐུན་པའི་འགལ་ཟླ་ཇེ་ཆེར་གཏོང་རྒྱུ་ཞིག་ ཆགས་ཡོད་པ་རེད། འདིའི་ཐད་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG