ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐད་ཞཱི་ཅིང་ཕིང་དང་ཐུག་འཕྲད་གྲོས་མོལ་བྱ་འདོད་ཡོད་པ།


བདག་དབང་གི་ཐད་རྩོད་གླེང་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ རྒྱ་ནག་གིས་གླིང་ཕྲན་གསར་པ་འཛུགས་བསྐྲུན་བྱེད་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས་པ་ནན་བསྐུལ་བྱ་རྒྱུའི་ཆེད་དུ་ ཨ་མི་རི་ཀའི་སྲིད་འཛིན་བྷ་རག་ཨཽ་བྷ་མ་མཆོག་གིས་ རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དང་ཡང་བསྐྱར་ཕྱི་ཟླ་བཅུ་གཅིག་པའི་ནང་ཐུག་འཕྲད་བྱ་རྒྱུའི་གྲོས་འགོ་འདོན་རྒྱུའི་འཆར་གཞི་ཡོད་ཅིང་ རྒྱ་ནག་གིས་འཛུགས་བསྐྲུན་བྱ་ཡུལ་ཁུལ་དུ་ ཉེ་དུས་ཨ་མི་རི་ཀས་ དམག་གྲུ་མངགས་གཏོང་བྱས་ཏེ་ རྒྱ་ནག་ལ་ཉེན་བརྡའི་རྣམ་འགྱུར་གསལ་པོ་ཞིག་བསྟན་པའི་རྗེས་སུ་ ད་ཆ་འཛུགས་བསྐྲུན་གྱི་གནད་དོན་དེའི་ཐད་ རྒྱ་ནག་གི་སྲིད་འཛིན་དང་ཐད་ཀར་གྲོས་མོལ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་དེའི་ཐོག་ནས་ རྒྱ་ནག་གི་འཛུགས་བསྐྲུན་གྱི་ལས་གཞི་དེ་དག་བཀག་འགོག་བྱ་རྒྱུར་ཨ་མི་རི་ཀའི་གཞུང་གི་ཕྱོགས་ནས་གནོན་ཤུགས་དང་ གྲོས་མོལ་ཟུང་འབྲེལ་གྱི་ཐབས་བྱུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་རྣམ་པ་གསལ་པོ་མཚོན་པ་ཞིག་ཡིན་པ་རེད།

XS
SM
MD
LG