ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀར་ནཱ་ཊ་ཀ་གཞུང་གིས་བཙན་བྱོལ་བོད་མིས་རང་གི་ས་ཆ་འབོགས་མར་ལེན་ཆོག་པ་བཟོས་པ།


རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་གཞུང་གིས་ ཁུལ་དེར་ཡོད་པའི་བོད་མིའི་གཞིས་ཆགས་ཀྱི་མི་རྣམས་ལ་ སོ་སོ་རང་གི་མིང་ཐོག་ཏུ་ས་ཞིང་འབོགས་མར་ལེན་ཆོག་པའི་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་སྟེ་ སྲིད་བྱུས་དེ་འཕྲལ་དུ་ལག་བསྟར་བྱེད་དགོས་ལུགས་ འབྲེལ་ཡོད་ལས་ཁུངས་ཁག་ལ་ཉེ་དུས་བཀའ་བཀོད་ཀྱང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ Banglore Mirror ཚགས་པར་དང་ ཕ་ཡུལ་དྲ་གནས་བཅས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན་ ཀར་ནཱ་ཊ་ཀ་མངའ་སྡེའི་གཞུང་གིས་ མངའ་སྡེ་དེའི་ཁྱབ་ཁོངས་རྫོང་ཁག་གསུམ་སྟེ་ མཱ་ཡ་སུ་རུ་དང་ ཨུ་ཏཱ་རཱ་ ཀཱ་ནཱ་དྲ་ དེ་བཞིན་ ཅཱ་མཱ་རཱ་ཇཱ་ནཱ་གྷར་བཅས་གསུམ་གྱི་རྫོང་སྡེའི་སྤྱི་ཁྱབ་རྣམས་ལ་ སྲིད་བྱུས་གསར་པ་དེ་ལག་ལེན་བསྟར་ཏེ་ རྫོང་ཁག་དེ་དག་གི་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ནང་གནས་སྡོད་བྱེད་པའི་བོད་མི་རྣམས་ལ་ སོ་སོ་རང་གི་མིང་ཐོག་ཏུ་ས་ཞིང་དབང་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་ གོང་ཞུས་རྫོང་ཁག་གསུམ་པོ་དེ་དག་གི་ཁོངས་སུ་ Bylakuppeབོད་མིའི་གཞིས་སྒར་དང་ Hunsurགཞིས་ཆགས་ དེ་བཞིན་ Mundgodགཞིས་ཆགས་དང་ Kollegalགཞིས་ཆགས་བཅས་ཚུད་ཀྱི་ཡོད་པ་རེད་ སྲིད་བྱུས་གསར་པ་དེའི་འོག་ཏུ་ བཙན་བྱོལ་བོད་མི་རྣམས་ལ་ སོ་སོ་རང་གི་མིང་ཐོག་ཏུ་ས་ཁང་འབོགས་མར་ལེན་ཆོག་པ་ཆགས་ཀྱི་ཡོད་པ་མ་ཟད་ ས་ཞིང་སོ་སོའི་མིང་ཐོག་ཏུ་ཡོད་པར་བརྟེན་ནས་ གཞུང་གི་ས་ནས་ཞིང་ལས་དང་འབྲེལ་བའི་རོགས་དངུལ་ཐོབ་རྒྱུ་དང་ དངུལ་ཁང་ནས་དངུལ་བུན་ལེན་ཆོག་པ་སོགས་ཀྱི་ཐོབ་ཐང་མང་པོ་ཞིག་ཀྱང་རག་རྒྱུ་ཡིན་ཞིང་ དེ་སྔོན་ཡིན་ན་ ཐོབ་ཐང་དེ་དག་རྒྱ་གར་གྱི་མི་སེར་ལ་མ་གཏོགས་མེད་པས་དེ་ནི་འགྱུར་བ་ཆེ་ཤོས་ཤིག་ཡིན་པ་རེད།

XS
SM
MD
LG