ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཁྲིམས་ཀྱི་དབང་བསྒྱུར་ཟེར་བར་སྐྱོན་བརྗོད་བྱས་ཡོད་པ།


རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཐད་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དཔྱད་ཞིབ་བྱས་པའི་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེའི་ནང་ རྒྱ་ནག་གཞུང་གིས་ཁྲིམས་ཀྱི་དབང་བསྒྱུར་ལ་འགྲེལ་བརྗོད་བྱེད་སྟངས་དེ་ནི་ འཛམ་གླིང་ཡོངས་ཁྱབ་ཏུ་ཁྲིམས་ཀྱི་དབང་བསྒྱུར་ལ་ངོས་འཛིན་བྱེད་སྟངས་དང་གཏན་ནས་མ་མཐུན་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག་ མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོ་དེའི་ནང་མུ་མཐུད་དེ་ རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཁྲིམས་ཀྱི་དབང་བསྒྱུར་གྱི་འོག་ཏུ་ བོད་ཙམ་དུ་མ་ཟད་ རྒྱ་ནག་རང་གི་ནང་དུའང་ གཞུང་འཛིན་མི་སྣས་ཁྲིམས་ཀྱི་གནས་བབས་བརྩི་མེད་དུ་བཏང་སྟེ་ བཙན་གནོན་དང་དྲག་རྩུབ་ཁོ་ནས་དབང་བསྒྱུར་བྱེད་ཀྱི་ཡོད་པ་དང་ དེ་འདྲའི་བཙན་གནོན་དང་དྲག་རྩུབ་མ་བཟོད་པར་ བོད་ནང་གི་བོད་མི་མང་པོས་རང་ལུས་མེར་སྲེག་བཏང་བའི་ལམ་ནས་ རྒྱ་ནག་གི་སྲིད་བྱུས་དེ་ཚོར་ངོ་རྒོལ་བྱས་ཡོད་ཅེས་བརྗོད་ཡོད་འདུག

XS
SM
MD
LG