རྒྱ་ནག་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཐོག་ལ་རྟོག་ཞིབ་བྱེད་མཁན་ཆེས་མཐོའི་མི་མང་ཞིབ་དཔྱོད་ཁང་ཟེར་བའི་གསར་འགྱུར་དྲ་རྒྱའི་ཐོག་ལ་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇག་ལྷན་ཁང་གི་འགོ་ཁྲིད་ཟུར་པ་དང་བོད་ལྗོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ལའེ་ཏཱ་ཁཱེ་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཁ་གསལ་བྱུང་ནས་ཁྲིམས་གཅོད་ཀྱིི་ལས་དོན་ཁག་བྱེད་མུས་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་དང་ དེ་ནི་རྒྱ་ནག་གཞུང་ནས་འཚོར་སྣང་སྐྱེན་པའི་བོད་ནང་གིོ་འགོ་ཁྲིད་གནས་དབྱུང་གི་གནས་ཚུལ་མང་པོ་སྤེལ་གྱི་མེད་པའི་ནང་ནས་གཅིག་ཡིན་པ་རེད།