ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

བོད་རིགས་གཞོན་སྐྱེས་ཉམས་ཞིབ་པའི་ལྷན་ཚོགས་འཚོགས་པ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆ་ཤས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་བྱས་ཏེ་རྒྱ་གར་གྱི་མཐོ་སློབ་འདྲ་མིན་ཁག་གི་ནང་ཆེས་མཐོའི་རམ་པའི་སློབ་སྦྱོང་གནང་བཞིན་པའི་བོད་རིགས་གཞོན་སྐྱེས་ཉམས་ཞིབ་པའི་ལྷན་ཚོགས་ཤིག་ཚོགས་འཚོགས་ཡོད་པ་དང་ ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕེབས་ཡོད་པ་དང་ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ལྷན་ཚོགས་དབུ་འཛུགས་ཐོག་ལ་ཉམས་ཞིབ་ཁང་འདི་ཚགས་ཚུད་ཡོང་རྒྱུ་དང་ཉམས་ཞིབ་མཐར་ཕྱིན་པ་བྱེད་ཐུབ་ཆེད་ཕྱི་ནས་ཡོན་ཏན་དང་ནུས་པ་སྤུངས་ས་ཞིག་དང་། གདེང་ཚོད་ཡོད་པའི་སྒོ་ནས་བོད་ཀྱི་གནས་སྟངས་ཉམས་ཞིབ་གཏིང་ཟབ་བྱས་ཏེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འགྲེལ་བཤད་མཐར་ཕྱིན་པ་ཞིག་བརྒྱབ་ཐུབ་རྒྱུའི་དམིགས་ཚད་ཟུངས་དགོས་ཞེས་གསུངས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG