ཉེ་བའི་ལོ་ཤས་ཤིག་ནས་འཛམ་གླིང་ཤར་ཕྱོགས་ཀྱི་ཨ་མི་རི་ཀའི་མཐུན་གྲོགས་གཙོ་བོ་གཉིས་ཏེ། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་བ་དང་། ལྷག་པར་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་བྷག་གེང་ཧེས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ། ཁོང་གིས་ཉི་ཧོང་གི་འགོ་ཁྲིད་ཚོར་ཐུག་འཕྲད་མ་བྱས་པར་ཕྱོགས་གཉིས་ཀྱི་འགལ་ཟླ་ཆེ་རུ་སོང་རུང་། བདུན་ཕྲག་རྗེས་མར་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གཉིས་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་ཐུག་འཕྲད་གྲོལ་བྱ་རྒྱུའི་ཐག་གཅོད་བྱུང་བ་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཀྱང་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེར་ཐུག་འཕྲད་བྱ་རྒྱུའི་རྣམ་འགྱུར་ཞིག་བསྟན་ཡོད་ཅིང་། ཉི་ཧོང་དང་ལྷོ་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་བཟང་ཕྱོགས་སུ་འགྱུར་རྒྱུའི་རྣམ་པ་ཞིག་ཐོན་ཡོད་པ་རེད།