ཉེ་སྔོན་རེས་གཟའ་ཉི་མའི་ཉིན་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་ནང་གནས་འཁོད་བོད་མི་རྣམས་ཀྱིས་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་ སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་བྱས་པའི་རྗེས་ རེས་གཟའ་ཟླ་བའི་ཉིན་དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ དངོས་གཞིའི་འོས་བསྡུའི་སྐབས་སྲིད་སྐྱོང་གི་འོས་མི་གཉིས་སམ་ཡང་ན་གསུམ་སླེབས་སྲིད་ལུགས་གསུངས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།