ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༠༨

དབྱིན་གཞུང་གིས་ཞཱི་ཅིང་ཕིང་ལ་སྣེ་ལེན་གཟབ་རྒྱས་བྱེད་འཆར་ཡོད་པར་སྐྱོན་བརྗོད།


གཟའ་འཁོར་འདིར་ རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དབྱིན་ཡུལ་ནང་ རྒྱལ་དོན་འཚམས་འདྲིར་འབྱོར་བའི་སྐབས་ དབྱིན་ཇིའི་གཞུང་གིས་ས་གདན་དམར་པོ་གཏིང་སྟེ་ ཆེ་མཐོང་གི་རྣམ་པ་ཡོངས་སུ་ལྡན་པའི་སྒོ་ནས་སྣེ་ལེན་བྱེད་རྒྱུའི་འཆར་གཞི་ཡོད་པར་ བཙན་བྱོལ་དུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་གནད་ཡོད་འགོ་ཁྲིད་གཅིག་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཏེ་ ཞཱི་ཅིང་ཕིང་ལ་གདིང་རྒྱུའི་ས་གདན་དམར་པོ་དེ་ནི་ ཡུ་གུར་དང་ བོད་མི་ དེ་བཞིན་ རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་མཐུན་པའི་རྒྱ་རིགས་བཅས་ཀྱིས་དཀའ་སྡུག་མྱངས་པའི་ཁྲག་གི་ཐིགས་པ་འགོས་པ་ཞིག་རེད་ དབྱིན་གཞུང་གིས་ཞཱི་ཅིང་ཕིང་ལ་དེ་ལྟ་བུའི་སྣེ་ལེན་གཟབ་རྒྱས་བྱ་རྒྱུའི་འཆར་གཞི་དེ་ནི་ ཧ་ཅང་གི་ཐབས་སྡུག་རེད་ཅེས་ གཟའ་ཟླ་བའི་ཉིན་སྐྱོན་བརྗོད་བྱས་ཡོད་འདུག་ དབྱིན་ཇིའི་གཞུང་གིས་རྒྱ་ནག་དང་འབྲེལ་བ་འཛུགས་རྒྱུའི་དོན་དུ་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དོ་འཁུར་བྱེད་ཀྱི་མེད་ལུགས་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་ འོན་ཀྱང་ དབྱིན་ཇིའི་གཞུང་གིས་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་དོ་འཁུར་མ་བྱས་པ་མིན་ཞེས་ལན་འདེབས་བྱས་པ་དང་འབྲེལ་ རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་ཐུག་འཕྲད་བྱུང་བའི་སྐབས་དེའི་ཐད་གླེང་སླེང་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད།

XS
SM
MD
LG