ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྨ་ཆུའི་འབྲོག་མང་གི་ཚོང་རྭའི་གནས་བབ་ཐད་ཀྱི་ཞུ་བཏུགས།


བོད་མདོ་སྨད་རྨ་ཆུའི་ཁྱབ་ཁོངས་ཡུལ་ཚོ་ཚང་མ་མཉམ་འབྲེལ་ཐོག རྨ་ཆུ་རྫོང་སྲིད་གཞུང་གི་སྒོའི་མདུན་དུ་རྨ་ཆུའི་ཕྱུགས་ཟོག་གི་ཚོང་རའི་གནད་དོན་དང་བཟའ་བཅའ་སྲུང་སྐྱོང་གི་གནད་དོན། ཚོང་རྭ་སྒེར་གཅོད་ཀྱི་གནད་དོན་བཅས་ཀྱི་ཐད་སྲིད་གཞུང་གིས་ཁྲིམས་མཐུན་ཐག་གཅོད་ཅིག་བྱ་དགོས་པའི་དགོས་འདུན་བཏོན་ཏེ་འབྲོག་པ་མང་ཚོགས་ཀྱིས་ཞུ་བཏུགས་བྱེད་བཞིན་པ་རེད། འདི་ཀ་རླུང་འཕྲིན་ཁང་ལ་བརྙན་དང་པར་འབྱོར་བ་ལྟར་ན། ༼ཀྲུང་གོ་གུང་ཁྲན་ཏང་རྨ་ཆུ་རྫོང་སྲིད་གཞུང་༽ཞེས་བྲིས་ཡོད་པའི་སྒོ་ཆེན་མདུན་དུ། བོད་ལྭ་གྱོན་པའི་བོད་མི་༡༥ནས་༢༠་ཙམ་གྱིས། ༼དམངས་འཚོ་ལེགས་བཅོས་དོན་དུ་གནས་དགོས། ཤ་གོང་དངོས་གོང་ལུགས་དང་མཐུན་དགོས་༽ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་བྲིས་པའིོ་འཕྲེད་དར་བཟུང་སྟེ་དགོས་འདུན་འདོན་བཞིན་པ་དང་། ཡང་བརྙན་པར་གྱི་ནང་དུ། ༼ང་ཚོ་ཁྲིམས་རྨོངས་པ་དང་ཡིག་རྨོངས་པ་ཡིན་པས་ད་ལྟའི་བར་བཟོད་སྒོམ་བྱས་ཀྱང། ད་དུང་མུ་མཐུད་ནས་བསྡད་ན་འདུག་བཟོད་མི་འདུག༽ཅེས་རྨ་ཆུའི་ཁྱབ་ཁོངས་ཀྱི་འབྲོག་པའི་ཡུལ་ཚོ་བཅུ་གཅིག་གི་འཐུས་མི་ཚོས་བརྗོད་བཞིན་པ་མ་ཟད། ཚོང་རྭ་ལ་ཁྲིམས་མེད་ལུགས་མེད་པ་དང་། སྒོ་ཕྱུགས་ཕམ་ཚོང་རྒྱག་དགོས་བྱུང་བ། ཚོང་བ་དང་དེ་བཞིན་སྲིད་གཞུང་གི་མི་སྣ་ལྐོག་འབྲེལ་བྱེད་པ་སོགས་ཀྱི་གནས་བབ་མཚམས་འཇོག་བྱ་དགོས་པའི་དགོས་འདུན་འདོན་པའི་བསམ་འཆར་ཡི་གེ་དོན་ཚན་ལྔ་ཅན་ཞིག་རྫོང་སྲིད་གཞུང་ལ་ཕུལ་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG