ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མཉམ་འབྲེལ་སྐོར་གཡེང་།


རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཆེན་པོ་ཡོད་ཅིང་། ཕྱི་ཟླ་༡༠་ཚེས་༡༦་ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཁྲང་ཝན་ཆོན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱ་འདོད་ཡོད། ང་ཚོས་མཉམ་འབྲེལ་བྱས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱས་ན་དྲག་ཆར་རླུང་འཚུབ་དང་རྐྱེན་ངན་གོད་ཆག་གི་དུས་སུ་མི་འཚོལ་ཞིབ་དང་ཉེན་སྐྱོབ་ཀྱི་ལས་དོན་ཁག་ལ་ནུས་པ་ཆེ་བ་འཐོན་ཐུབ། ང་ཚོ་ཕན་ཚུན་རྡུང་ཐུག་མི་འབྱུང་བའི་དགེ་མཚན་ཡང་ཡོད་ཅེས་གྲོས་གཞི་བཏོན་ཡོད་པ་རེད།

XS
SM
MD
LG