ངོ་འཕྲད་བདེ་བའི་དྲ་འབྲེལ།

དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ སྲིད་སྐྱོང་འོས་འདེམས་བྱ་རྒྱུའི་ལས་འགུལ་སྤེལ་བཞིན་པའི་སྐབས་འདིར་ བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་གིས་ མང་གཙོའི་སྐོར་གྱི་འཕྲལ་སེལ་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པ་རེད་ དེ་ཡང་ ཕྱི་ཟླ་༡༠པའི་ཚེས་༡༤བཞིའི་ཉིན་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་རྟེན་གཞི་བྱེད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་འཕྲལ་སེལ་གྱི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པའི་སྐོར་ འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་ བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG