ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

ཨ་རིའི་ཕྱི་སྲིད་ཁང་གིས་ཆོས་དད་རང་དབང་གི་ཐད་སྙན་ཐོ་བཏོན་ཡོད་པ།


ཨ་མི་རི་ཀའི་ཕྱི་སྲིད་ཁང་གིས་ལོ་ལྟར་ འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཆོས་དད་རང་དབང་གི་གནས་སྟངས་ཐད་ ཞིབ་འཇུག་བྱས་པའི་སྙན་ཐོ་རེ་འདོན་གྱི་ཡོད་པ་དང་ ཕྱི་ལོ་༢༠༡༤ལོར་ཞིབ་འཇུག་བྱས་པའི་སྙན་ཐོ་དེ་བཞིན་ ཕྱི་ཟླ་༡༠པའི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན་བཏོན་ཡོད་པ་རེད་ སྙན་ཐོ་དེའི་ནང་ བོད་ཀྱི་སྐོར་དོན་ཚན་གཅིག་ཟུར་དུ་བཀོད་ཡོད་པ་དེའི་ནང་ རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དང་ དེ་མིན་བོད་མི་གནས་ཡུལ་ས་ཁུལ་གཞན་ཁག་གི་ནང་ ཆོས་དད་རང་དབང་ལ་དམ་དྲག་ཚབས་ཆེ་བྱས་ཏེ་ བོད་ཀྱི་དགོན་སྡེ་ཁག་གི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་ རྒྱ་གཞུང་གི་འགོ་ཁྲིད་མི་སྣས་ཐེ་བྱུས་ཆེན་པོ་བྱས་པ་མ་ཟད་ ཆོས་ཉམས་ལེན་བྱེད་མཁན་འཛིན་བཟུང་བྱས་པ་དང་ རྒྱུན་རིང་དོ་དམ་བཀག་ཉར་བྱས་པ་ ཁྲིམས་གཅོད་བྱས་པ་ གདུག་སྦྱོང་མནར་གཅོད་བཏང་བ་ མཐའ་ན་ དམར་བསད་བཏང་བ་བཅས་ཀྱི་གནས་ཚུལ་ཡང་བྱུང་ཡོད་པ་ཐེར་འདོན་བྱས་ཡོད་འདུག

XS
SM
MD
LG