ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨོ་སི་ཊི་རེ་ལི་ཡའི་རྒྱ་རིགས་ཚོང་པ་ཞིག་ལ་གནོན་ཤུགས།


ཨོ་སི་ཊི་རེ་ལི་ཡའི་མི་ཁོངས་ཡིན་པའི་རྒྱ་རིགས་ཚོང་པ་གྲགས་ཅན། མེ་ཁལ་ལི་ལ་རྒྱ་ནག་གི་གསང་བའི་ལས་ཁང་གིས་ཨོ་སི་ཊི་རེ་ལི་ཡའི་ས་ཐོག་ཏུ་ཡོད་པའི་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་ཚོའི་ལས་འགུལ་ལ་རྟོག་ཞིབ་བྱ་དགོས་པ་དང་། ཁོང་གིས་ཧྥ་ལུན་གུང་རྩ་རླུང་སྒོམ་སྒྲུབ་པ་ཚོས་ལས་འགུལ་ཇི་ལྟར་སྤེལ་གྱི་ཡོད་མེད་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་ཚེ། མེ་ཁལ་ལི་ལ་རྒྱ་ནག་གཞུང་གིས་དཔལ་འབྱོར་འགྲོ་གྲོན་སོགས་ཀྱི་རོགས་རམ་བྱ་ཆོག་ཅེས་སྐུལ་ལྕག་ལན་མང་བཏང་རུང་། ཚོང་པ་འབྱོར་ལྡན་པ་མེ་ཁལ་ལིས་རྒྱ་ནག་གི་གསང་བའི་ལས་ཁང་གི་སྐུལ་ལྕག་ལ་མཉན་མེད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་མེ་ཁལ་ལིའི་སྤུན་མཆེད་ཅིག་བཙོན་ཁང་དུ་བཅུག་སྟེ། རྒྱ་ནག་གི་སོ་མྱུལ་ཚོས་ཨོ་སི་ཊི་རེ་ལི་ཡའི་སི་ཌི་ཎི་གྲོང་ཁྱེར་དུ་ཡོད་པ་མེ་ཁལ་ལིའི་བཟའ་མི་ཚོར་ལྟ་རྟོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG