ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་ཧྥི་རི་ཀའི་ཐན་ཟ་ཎི་ཡའི་གཞུང་གིས་བ་སོའི་ནག་ཚོང་རྒྱལ་མོ་ཞེས་འབོད་བཞིན་པའི་རྒྱ་མོ་ཞིག་འཛིན་བཟུང་བྱས་ནས་ཁྲིམས་བཤེར་བྱེད་བཞིན་ཡོད་ཅིང་། འདི་ནི་རྒྱལ་ཁབ་དེའི་ནང་གི་བ་སོའི་ནག་ཚོང་རྒྱག་མཁན་ཆེ་ཤོས་དེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག རྒྱ་མོ་འདི་ལ་ཁྲིམས་ཁང་གིས་སྔོན་འགྲོའི་ཁྲིམས་བཤེར་སྐབས་སུ་༢༠༠༠་ལོ་ནས་༢༠༡༤་བར་དུ་གླང་ཆེན་གྱི་མཆེ་བ་ནག་ཚོང་བརྒྱབ་པའི་ཉེས་འཛུགས་བྱེད་ཡོད་ཀྱང་། གསརའགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་མོ་འདིས་ཕལ ཆེར་ལོ་རབས་༨༠་བ་ནས་བ་སོའི་ནག་ཚོང་རྒྱག་འགོ་བཙུགས་ཏེ། ཐན་ཟ་ཎི་ཡར་གཏན་སྡོད་བྱེད་མཁན་རྒྱ་རིགས་འབྱོར་ལྡན་པ་དང་རྒྱ་རིགས་ཀྱི་སྤྱི་ཚོགས་སུ་གླང་ཆེན་མཆེ་བའི་ཚོང་འགྲེམ་བྱས་པ་རེད་ཅེས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG