ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཧོང་ཀོང་གི་གཙུག་ལག་སློབ་གྲྭ་ཆེ་མོའི་དགེ་ལས་རྣམས་ཀྱིས་གཞུང་ལ་ངོ་རྒོལ་བྱས་ཡོད་པ།


དམངས་གཙོ་དོན་གཉེར་བ་དང་ཉེ་འབྲེལ་ཆེ་བའི་ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེ་མོའི་དགེ་རྒན་ཆེ་མོ་ཞིག་ལ་ གཙུག་ལག་སློབ་གྲྭ་ཆེ་མོ་དེའི་འཛིན་སྐྱོང་པའི་ལས་གནས་སྤྲད་མེད་པའི་ཐད་ དགེ་སློབ་རྣམས་ཀྱིས་ངོ་རྒོལ་བྱས་ཏེ་ ཁོང་ལ་ལས་གནས་དེ་སྤྲོད་མི་དགོས་པའི་རྒྱུ་མཚན་ཇི་ཡིན་གསལ་བཤད་དགོས་པའི་དགོས་འདུན་བཏོན་ཏེ་ རེས་གཟའ་མིག་དམར་ཉིན་ གཙུག་ལག་སློབ་གྲྭ་ཆེ་མོ་དེའི་དགེ་སློབ་ཉིས་སྟོང་སྐོར་ཙམ་ཞིག་གིས་ ངག་བཅད་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ དེ་ཡང་ གཟའ་འཁོར་སྔོན་མ་ ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེ་མོའི་འཛིན་སྐྱོང་ལྷན་ཁང་གིས་ དགེ་རྒན་ཆེ་མོ་ཇཱོ་ཨེན་སི་ ཅཱན་ གཙུག་ལག་སློབ་གྲྭ་ཆེ་མོ་དེའི་འགན་འཛིན་གཞོན་པར་བསྐོ་ཞག་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དེ་ནི་ སྔ་ལོ་གཞུང་ལས་ཁང་བཙན་བཟུང་བྱེད་པའི་དམངས་གཙོ་དོན་གཉེར་གྱི་ཞི་བའི་ལས་འགུལ་སྤེལ་མཁན་ དགེ་རྒན་ཆེ་མོ་གཞན་བྷེ་ནཱི་ ཐཱ་ཡི་དང་ཁོང་ཉེ་འབྲེལ་ཆེན་པོ་ཡོད་པའི་རྐྱེན་གྱིས་ཡིན་པར་ དགེ་སློབ་མང་ཆེ་བས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ གང་ལགས་ཞེ་ན་ སློབ་གྲྭའི་འཛིན་སྐྱོང་ལྷན་ཁང་དེའི་ཚོགས་མི་མང་པོ་ཞིག་ནི་ ད་ལྟའི་ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་བསྐོ་བཞག་བྱས་པ་དེ་འདྲ་ཡིན་སྟབས་ དེ་དག་རྒྱ་ནག་གཞུང་ལ་དགའ་ཞེན་ཆེ་བ་དེ་འདྲ་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་ལ་ས་གནས་ཀྱི་མི་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ དེ་དག་གིས་ད་རེས་དམངས་གཙོ་དོན་གཉེར་བ་དང་ཉེ་འབྲེལ་ཆེ་བའི་དགེ་རྒན་ཆེ་མོ་གྲན་འགན་འཛིན་གཞོན་པར་བསྐོ་ཞག་ཡོང་རྒྱུར་འགོག་རྐྱེན་བཟོས་པར་ དགེ་སློབ་རྣམས་ཀྱིས་ངོས་འཛིན་བྱས་ཏེ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG