ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨབ་གྷན་དུ་མཁའ་ཐོག་ནས་རྒོལ་བརྡུང་བཏང་སྟེ་མི་༡༩བསད་པ་དེའི་ཐད་ཨ་རིས་ཞིབ་དཔྱོད་བྱེད་ཀྱི་ཡོད་པ།


Doctors Without Borders Staff in shock in part of the international medical charity's hospital in Kunduz, Afghanistan, that wasn't destroyed by an apparent airstrike, Oct. 3, 2015.

དམག་འཁྲུག་གི་གོད་ཆགས་ཆེ་བའི་ཨབ་གྷ་ནི་སེ་ཏན་གྱི་བྱང་ཕྱོགས་གྲོང་ཁྱེར་ཞིག་ཏུ་ཡོད་པའི་ རྒྱལ་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ཀྱིས་གཉེར་བའི་སྨན་ཁང་ཞིག་ལ་ རེས་གཟའ་སྤེན་པའི་སྔ་དྲོ་ཐོ་རེངས་མཁའ་ཐོག་ནས་རྒོལ་བརྡུང་བཏང་སྟེ་ མི་གྲངས་༡༩བསད་པ་དང་ ཕྲུ་གུ་༣དང་ནད་པ་༧ དེ་བཞིན་ སྨན་ཞབས་པ་༡༢ཐེ་བའི་ཁྱོན་མི་གྲངས་༣༧ལ་རྨས་སྐྱོན་བྱུང་བ་མ་ཟད་ ཁང་པ་ལ་བསྟོར་སྐྱོན་ཧ་ཅང་ཆེན་པོ་ཕོག་སྟེ་ཧ་ལམ་བེད་མེད་དུ་གྱུར་ཡོད་ལུགས་ རྒྱལ་སྤྱིའི་རོགས་རམ་ཚོགས་པ་དེས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག་དེ་ཡང་ ཨབ་གྷ་ནི་སེ་ཏན་གྱི་བྱང་ཕྱོགས་གྲོང་ཁྱེར་ཀྷུན་དྲུས་ནང་ དེང་སྐབས་གཞུང་གི་དམག་མི་དང་ ཏ་ལི་བྷན་དྲག་སྤྱོད་ངོ་ལོག་ཤོག་ཁག་ཕན་ཚུན་འཐབ་འཛིངས་དྲག་པོ་བྱེད་པའི་སྐབས་ཡིན་ཞིང་ གཞུང་གི་དམག་མི་རྣམས་ལ་ཨ་མི་རི་ཀས་མཁའ་ཐོག་ནས་རོགས་སྐྱོར་བྱེད་ཀྱི་ཡོད་པས་ གཟའ་སྤེན་པའི་སྔ་དྲོ་གོང་ཞུས་སྨན་ཁང་དེ་ལ་རྒོལ་བརྡུང་ཕོག་པའི་སྐབས་སུ་ ཁུལ་དེར་ཨ་མི་རི་ཀའི་གནམ་གྲུ་ཞིག་གིས་དྲག་སྤྱོད་པར་མཁའ་ཐོག་ནས་རྒོལ་བརྡུང་གཏོང་བའི་ལས་འགུལ་ཞིག་ཀྱང་སྤེལ་བའི་སྐབས་ཡིན་པ་རེད་ དེར་བརྟེན་ རྒྱལ་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ཀྱི་སྨན་ཁང་དེ་ལ་རྒོལ་བརྡུང་གཏོང་མཁན་ ཨ་མི་རི་ཀའི་གནམ་གྲུ་ཡིན་པའི་དོགས་པ་བྱས་ཏེ་སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས་ ཨ་མི་རི་ཀའི་གཞུང་གི་ཕྱོགས་ནས་དེའི་ཐད་ལ་ཞིབ་དཔྱོད་མཐིལ་ཕྱིན་པ་བྱེད་ཀྱི་ཡིན་ཞེས་གསུང་གི་ཡོད་པ་རེད་ སྨན་ཁང་དེའི་ལས་སྣེ་རྣམས་ཀྱིས་བརྗོད་དོན་ལྟར་ན་ ཁོང་ཚོས་འབྲེལ་ཡོད་དམག་འཐབ་ཤོག་ཁག་ཚང་མར་སྨན་ཁང་དེ་གང་དུ་ཡོད་པའི་སྐོར་གནས་ཚུལ་ཆ་ཚང་བ་སྤྲད་དེ་ དེ་ལ་གནོད་སྐྱོན་མི་འབྱུང་བ་ཞིག་བྱེད་དགོས་པའི་ཞུ་བསྐུལ་རྒྱུན་རིང་ནས་བྱས་ཟིན་པ་དང་ དེ་འདྲ་བྱས་པའི་རྗེས་སུའང་ད་དུང་དེ་ལ་དམིགས་སུ་ཀར་ནས་ད་རེས་རྒོལ་བརྡུང་བཏང་བ་དེ་ནི་ རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཧ་ཅང་གི་ཚབས་ཆེན་ཞིག་ཡིན་པ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

XS
SM
MD
LG