ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཀོང་ཤིའི་ཞིང་ཆེན་ནང་དུ་འབར་གས་རིམ་པ་ཞིག་བྱུང་བའི་གནས་ཚུལ།


རྒྱ་ནག་གི་གཞུང་གཉེར་ཚགས་ཤོག་ཁག་ཏུ་གཞུང་གིས་རྟོག་ཞིབ་བྱས་པ་བརྒྱུད་ ནས་ཕྱི་ཟླ་དགུ་པའི་ཚེས་༣༠་ཉིན་ཀོང་ཤིའི་ཞིང་ཆེན་གྱི་ལེའུ་ཁྲའན་ས་ཁུལ་དུ་འབར་གས་བཅུ་གྲངས་ཤིག་བྱུང་ནས་མི་བཅུ་ལ་འཆི་སྐྱོན་དང་མི་༥༠་ཙམ་ལ་རྨས་སྐྱོན་ཟོས་པའི་གནས་ཚུལ་དེའི་བྱེད་གཏེ་ནི་ལོ་ན་༣༣་ཅན་གྱི་ཝེད་དབྱིང་ཡུང་ཞེས་པའི་ལེའུ་ཁྲེའན་ས་ཁུལ་འདི་གའི་སྐྱེས་པ་འཁྱོ་བོ་ཞིག་ཡིན་པ་ར་འཕྲོད་ཅིང་། དུས་བཀག་ཅན་གྱི་འབར་རྫས་ཁག་ཡིག་ཟམ་བརྒྱུད་ནས་བསྐུར་པ་སོགས་ཀྱི་ཐབས་ལམ་ཐོག་ཏུ་འབར་གས་བྱེད་དུ་བཅུག་ཡོད་པ་དང་། ཁོ་པ་རང་ཉིད་ཀྱང་འབར་གས་ཀྱི་ཁྲོད་དུ་འདས་གྲོངས་སུ་གྱུར་ཡོད་འདུག་ཅེས་གནས་ཚུལ་སྤེལ་ཡོད་མོད། ཡིན་ནའང་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་བྱུང་བའི་འབར་གས་རིམ་པ་ཞིག་བྱུང་བའི་གནས་ཚུལ་དེར་གཞུང་གི་འགྲེལ་བརྗོད་ལས་དྲ་རྒྱའི་ཐོག་ལ་སྒེར་གྱི་གནས་ཚུལ་འཇོག་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་རེད།

XS
SM
MD
LG