ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་སློབ་གསོའི་རང་དབང་དང་ཉེན་ཁ།


སྤྱི་ཟླ་༡༠བའི་ཚེས་༡་ཉིན་ནི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཡིན་པ་ལྟར་ཧོང་ཀོང་ས་གནས་སྐྱོང་གི་ངོས་ནས་ཀྱང་གཞུང་འབྲེལ་གྱིས་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་ཀྱང་། ཧོང་ཀོང་གྲོང་ཁྱེར་ཀྱི་ནང་དུ་༼ཆར་གདུགས་ཀྱི་གསར་བརྗེ།༽ཞེས་པའི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་བྱེད་མཁན་དང་ཧོང་ཀོང་དེ་རྒྱ་ནག་གི་ཆ་ཤས་མིན་ཞེས་ངོ་རྒོལ་བྱེད་མཁན་ཤོག་ཁག་དང་འདྲ་བ་རྣམས་འཛོམས་ཏེ་ཁྲོམ་སྐོར་བྱེད་བཞིན་པ་རེད་འདུག དེ་དང་མཉམ་དུ་ད་ལྟའི་ཆར་ཧོང་ཀོང་ནང་དུ་སློབ་གསོའི་རང་དབང་གི་ཐད་ལ་རྒྱ་ནག་གིས་ཐེ་གཏོགས་བྱེད་བཞིན་པར་མི་མང་གིས་བློ་འཚབ་བྱེད་བཞིན་པ་མ་ཟད། དབྱེ་ཞིབ་པ་ཚོས་ཀྱང་ཧོང་ཀོང་ནང་གི་སློབ་གསོའི་རང་དབང་དེ་ཉེན་ཁ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་པ་རེད། འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG