ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་འཛིན་ཨ་རིར་འབྱོར་སྐབས་འགྲོ་བ་མིའི་ཐོབ་ཐང་གླེང་འཆར།


ཨ་རིའི་རྒྱལ་སྲུང་གྲོས་སྟོན་པ་སུ་སན་ར་ཡེ་སི་རྒྱ་ནག་ལ་འཚམས་འདྲིར་ལན་གསུམ་ཕེབས་ཡོད་པ་དང་། ཁོང་གིས་གསུངས་དོན་ལ་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོར་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་དགོས་ཞེས་བཤད་ཡོད་ཚུལ་བརྗོད་ཡོད་ཅིང་། རེས་གཟའ་ཟླ་བའི་ཉིན་ཝ་ཤིན་ཌོན་ལ་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལ་རྒྱ་ནག་གི་དཔོན་རིགས་ག་དུས་ཐུག་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་གླེང་སློང་གནང་གི་ཡོད་ཅེས་གསུངས་འདུག་པ་མ་ཟད། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་དང་ཆབ་སྲིད་མི་སྣ་ཚོས་སྲིད་འཛིན་ཞིས་ཅིན་ཕིང་གི་ལས་རྒྱུན་རིང་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་གནས་སྟངས་སྡུག་ཏུ་སོང་ཡོད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཀྲིས་ཀྲོཕྷར་སི་མིཐ་ཀྱིས་རྒྱ་ནག་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་རྩིས་མེད་རྡོག་རོལ་གཏོང་མཁན་གྲས་སུ་བྱང་ཀོ་རི་ཡ་དང་གནས་བབ་གཅིག་འདྲ་དང་། རྒྱ་ནག་སྡུག་ཤོས་རེད་ཅེས་གསུངས་འདུག

XS
SM
MD
LG