ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་ཆེད་རེས་གཟའ་མིག་དམར་ཉིན་ཨ་རིར་འབྱོར་གྱི་ཡོད་པ་དེ་ནི་རྒྱ་ནག་རང་ཉིད་དཔལ་འབྱོར་གྱི་དཀའ་ངལ་སོགས་ལ་གདོང་ལེན་བྱེད་བཞིན་པའི་དུས་ཚོད་གཅིག་ཡིན་པ་མ་ཟད། ཨ་རི་དང་རྒྱ་ནག་དབར་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་གཙོས་རྒྱལ་སྤྱིའི་གནད་དོན་ཐད་མ་མཐུན་པའི་འགལ་བ་ཡོད་པའི་དུས་ཚོད་གཅིག་ལ་འབྱོར་གྱི་ཡོད་པ་རེད། སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་ན་ ཞི་ཅིན་པིང་ལ་གཟིགས་བསྐོར་དེ་གནང་རྒྱུན་གྲུབ་འབྲས་དང་ལམ་ལྷོང་ཡོང་བར་ཨ་རིའི་གཞུང་གིས་གནོན་ཤུགས་སྤྲད་པ་དེར་ཞི་ཅིན་པིང་གིས་གུ་བཤང་བྱ་རྒྱུར་འདོད་པ་མ་བྱེད་པའི་ཁ་ཕྱོགས་སུ་འགྲོ་ཉེན་ཡོད་པ་དང་། ཞི་ཅིན་པིང་ནི་ཐབས་བྱུས་ལ་ཁ་གཏད་བྱ་རྒྱུར་མྱོས་པའི་མི་ཞིག་རེད་ཅེས་རྗོད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་སྲིད་འཛིན་ཞི་ཅིན་པིང་ཨ་རིར་འབྱོར་རྒྱུར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་གནས་ཚུལ་ཁོ་ན་བརྒྱུད་བསྒྲགས་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ནའང་། ཞི་ཅིན་པིང་ཨ་རིའི་ནང་འབྱོར་རྒྱུན་ཨ་རི་བ་ཚོས་རྒྱ་ནག་ལ་མི་དགའ་བ་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་དངོས་སུ་མཐོང་ཐོས་ཡོང་རྒྱུ་ཡིན་པ་རེད།

XS
SM
MD
LG