དེང་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཇིའི་ཁེམ་བི་རི་ཇི་སློབ་གྲྭ་ཆེན་མོའི་མཛད་རིམ་ཁག་ལེགས་གྲུབ་བྱུང་སྟེ། དེ་རིང་གཟའ་པ་སངས་ཉིན་མགོན་པོ་གང་ཉིད་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་ཞབས་སོར་བདེ་བར་འཁོད་དེ་མཛད་འཕྲིན་ཁག་མུ་མཐུད་དུ་སྐྱོང་ཡོད་པ་རེད།།