ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནས་ཚུལ་ངོ་སྤྲོད།


རྒྱ་ནག་གི་བཙོན་ཁང་དུ་གྲོངས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གཉེན་ཉེ་དང་ཁྱིམ་ཚང་གི་མགྲིན་ཚབ་པ་ཡིན་པའི་དགེ་བཤེས་ཉི་མ་ལགས་ཀྱིས་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་Tom Lantos འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རིན་པོ་ཆེའི་གནས་ཚུལ་ངོ་སྤྲོད་གནང་བ་དང་། དེ་བཞིན་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཨ་རིར་སླེབས་འཆར་ཡོད་པའི་སྐབས་འདིར། ཨ་རིའི་གཞུང་དམངས་གཉིས་ནས་རྒྱ་ནག་གི་སྟེང་དུ་གནོན་ཤུགས་བཞག་སྟེ་བོད་ནང་གི་གནས་སྟངས་བཟང་དུ་གཏོང་དགོས་པའི་འབོད་སྐུལ་བརྒྱབ་ཡོད།།

XS
SM
MD
LG