ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཐོག་རྒྱ་ནག་གིས་གནམ་ཐང་གསུམ་པ་རྒྱག་རྒྱུའི་གྲ་སྒྲིག


རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཞིག་གི་ཐོག་གནམ་གྲུའི་ཐང་གསུམ་པ་རྒྱག་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་འདུག་ཅེས་ཨ་མི་རི་ཀའི་གནད་དོན་མཁས་པས་བཤད་ཡོད་པ་དང་། བདུན་ཕྲག་སྔོན་མར་གླིང་ཕྲན་དེའི་ཐོག་སྲུང་སྐར་པར་ཆས་ཀྱི་པར་བླངས་པ་ནས་དེ་ལྟར་དབྱེ་ཞིབ་བྱས་ཤིང་། པར་ལ་གཞིགས་ནམི་ཊར་གསུམ་སྟོང་ཙམ་གྱི་རྒྱང་ཐག་མཐོང་རྒྱུ་ཡོད་པ་དེ་ལས་གནམ་ཐང་གསར་རྒྱག་གི་གྲ་སྒྲིག་བྱེད་བཞིན་པ་དབྱེ་ཞིབ་པས་བཤད་ཡོད། གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་གླི་ཕྲན་དེ་ཁུལ་དུ་རྒྱ་ནག་ལ་རྩོད་མེད་པའི་བདག་དབང་ཡོད་ཅེས་ལན་འདེབས་བྱས་འདུག

XS
SM
MD
LG