ཨ་མི་རི་ཀས་རྒྱ་ནག་ལ་ལོ་བཅུ་ཕྲག་འགའ་ཤས་ཤིག་གི་རིང་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་བོད་དང་རྒྱ་ནག་སོགས་ཀྱི་ནང་འགྲོ་བ་མིའི་རང་དབང་ཐོབ་ཐང་གོང་འཕེལ་དུ་གཏོང་དགོས་ལུགས་རྒྱུའི་སྐུལ་འདེད་གནང་ཡོད་ཀྱང་ ད་བར་ལམ་ལྷོང་གང་ཡང་བྱུང་མེད་པས་ རིང་མིན་ཟླ་བ་འདིའི་ཟླ་མཇུག་ལ་རྒྱ་ནག་གི་སྲིད་འཛིན་ཤི་ཅིན་པིང་འདི་ག་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོར་ཕེབས་པའི་ སྐབས་ ་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཡོངས་གྲགས་ཐོག་ནས་གླེང་སློང་གནང་དགོས་པའི་དུས་ལ་བབས་ཡོད་ལུགས་བོད་རང་བཙན་དོན་གཉེར་བའི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་བརྗོད་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་ཕབ་བསྒྱུརདང་སྙན་སྒྲོན་ཞུ་གི་རེད།