ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གློག་ལམ་དྲ་འབྲེལ་གྱི་བདེ་འཇགས་ཀྱི་གནད་དོན་ཐད་ཉིན་བཞིའི་རིང་གྲོས་མོལ།


ཨ་མེ་རི་ཀ་དང་རྒྱ་ནག་གི་གཞུང་འབྲེལ་མཐོ་རིམ་མི་སྣ་རྣམས་ཀྱིས། ཉིན་གྲངས་བཞིའི་རིང་གློག་ལམ་དྲ་འབྲེལ་གྱི་བདེ་འཇགས་ཀྱི་གནད་དོན་དང་། དེ་མིན་གལ་ཆེའི་གནད་དོན་གཞན་གྱི་ཐད་གྲོས་མོལ་ལྷུག་པོ་གནང་སྒོ་ཁག་ མཇུག་བསྒྲིལ་བྱས་ཡོད་ཅེས་རེས་གཟའ་ཟླ་བའི་ཉིན་ཕོ་བྲང་དཀར་པོས་སྤེལ་ བའི་སྤྱི་བསྒྲགས་ཤིག་གི་ནང་བརྗོད་ཡོད་པ་རེད། སྤྱི་བསྒྲགས་དེའི་ནང་བརྗོད་དོན་ལྟར་ན། ཨ་མེ་རི་ཀའི་རྒྱལ་ཡོངས་བདེ་འཇཊ་ སྲུང་སྐྱོབ་སློབ་སྟོན་པ་ལྕམ་ Susan Rice གཟའ་འཁོར་འདིའི་ནང་། རྒྱ་ནག་ དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་དང་ཁྲིམས་དོན་ལས་དོན་ལྷན་ཁང་གི་ དྲུང་ཆེ་དང་། རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ཀྱི་འགོ་ཁྲིད་ Meng Jianzhu དང་ཕན་ཚུན་བློ་རྒྱ་ཡངས་པོའི་ངང་ནས་བགྲོ་གླེང་ལྷུག་པོ་གནང་པའི་སྐབས་སུ།གློག་ལམ་དྲ་འབྲེལ་གྱི་བདེ་འཇགས་ཀྱི་གནད་དོན་དང་། དེ་མིན་གྱི་གནད་དོན་ གཞན་གྱི་ཐད་གྲོས་བསྡུར་གནང་ཡོད་པ་རེད།

XS
SM
MD
LG