ངོ་འཕྲད་བདེ་བའི་དྲ་འབྲེལ།

སི་རེ་ཡའི་མི་མང་ས་ཡ་མང་པོ་དམག་འཁྲུག་གི་ལྟེ་གནས་འདི་ནས་རྒྱལ་ཁབ་གཞན་དུ་བཙན་བྱོལ་གྱིས་སྐྱབས་བཅོལ་ལ་འགྲོ་དགོས་བྱུང་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་ཨ་མེ་རི་ཀ་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་བསླངས་པ་ཡིན་པས། ཡུལ་འདི་ཚོའི་སྐྱབས་བཅོལ་བ་ཚོ་ལ་སྣེ་ལེན་བྱ་དགོས་པའི་འགན་འཁྲི་ཡོད་པར་བརྗོད་ཡོད།ཡིན་ན་ཡང་དབྱེ་ཞིབ་པ་ཚོས་བརྗོད་ན་རྒྱ་ནག་གཞུང་གིས་དཀྱིལ་ཤར་ཡུལ་གྲུ་ཁག་གི་དམག་འཁྲུག་དང་དཀའ་སྡུག་ལ་འགན་འཁྲི་དང་འབྲེལ་ལམ་གང་ཡང་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད་ཀྱང་། isisཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པས་རྒྱ་རིགས་རང་དབང་གསར་འགོད་པ་ཞིག་བཙན་ཁྲིད་གཏའ་མར་ཉར་ཡོད་པ་དེ་ཡིས། རྒྱ་ནག་གཞུང་གིས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་ལ་འགན་མཉམ་ལེན་བྱ་དགོས་པར་རྒྱ་ནག་ལ་དྲན་སྐུལ་བཏང་བ་དང་འདྲ་བོ་ཡོད་པར་བརྗོད་འདུག

XS
SM
MD
LG