ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྔ་པ་ཀིརྟི་དགོན་གྱི་གྲྭ་བ་གཉིས་འཛིན་བཟུང་།


ཁ་སང་ཕྱི་ཚེས་བཅུ་ཉིན་རྔ་པ་ཀིིིརྟི་དགོན་པའི་གྲྭ་བ་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ་ཞི་བའི་གོམ་བགྲོད་བྱས་འདུག་ཅིང་། སྐབས་དེར་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་འཕྲལ་དུ་གྲྭ་བ་དེ་དག་ལ་རུབ་རྡུང་བྱེད་བཞིན་འཛིན་བཟུང་བཙན་ཁྲིད་བྱས་འདུག ལོ་ན་༢༠་ཙམ་ལ་སོན་པའི་གྲྭ་བ་ཨ་གྲགས་ཞེས་པ་ཞིག་གིས་ཚེས་བཅུ་ཉིན་གྱི་སྔ་དྲོར་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་པ་དང་། ཡང་ལོ་ན་༢༢་སོན་པའི་གྲྭ་བ་བློ་བཟང་ཞེས་པ་ཞིག་གིས་ཚེས་བཅུ་ཉིན་གྱི་བོད་ནང་གི་ཕྱི་འདྲོའི་ཆུ་ཚོད་༦་ཡས་མས་སུ་བོད་ལ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་པས། ཁོང་ཡང་སྐབས་དེར་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟ་གྲྭ་བ་དེ་དག་གང་དུ་ཡོད་མེད་ཤེས་རྟོགས་དང་རྩད་གཅོད་ཐུབ་ཀྱི་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG