ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་ལ་ཁྲིམས་འགལ་དུ་ཡོང་བའི་རྒྱ་ནག་པ།


དེང་སྐབས་ཨ་རིའི་རྒྱལ་ཡོངས་སུ་རྒྱ་ནག་པ་ཁྲི་ཚོ་༣་དང་སྟོང་ཕྲག་༩་ལྷག་འཛིན་བཟུང་བྱས་ཏེ། ཁོ་ཚོ་ཨ་མི་རི་ཀ་ནས་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུར་ངང་སྒུག་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀར་མི་དེ་ཚོ་སུ་སུ་ཡིན་མིན་དང་སྐྱེས་ཡུལ་གང་ནས་ཡིན་མིན་གྱི་དགོས་ངེས་ཡིག་ཆ་ཁག་སྤྲོད་ཀྱི་མེད་པས། ཨ་མི་རི་ཀའི་ཕྱི་མི་གཞིས་ཆགས་ལས་ཁང་གིས་རྒྱ་ནག་པ་དེ་རྣམས་འཛིན་བཟུང་བྱས་ནས་ཟླ་བ་གསུམ་ལྷག་སོང་རུང་། ཁོ་ཚོ་ད་དུང་ཡང་རང་ཡུལ་ལ་ཕྱིར་སློག་བྱ་མ་ཐུབ་པར་འགག་ཡོད་པ་དང་། ཟླ་མཇུག་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ཕེབས་སྐབས་གནད་དོན་དེར་གླེང་སློང་བྱ་རྒྱུ་ཐེ་ཚོམ་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG