ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀས་སི་རི་ཡེའི་སྐྱབས་བཅོལ་བ་སྔར་བས་མང་བ་ལེན་རྒྱུ་ཡིན་པ།


ཨ་མི་རི་ཀའི་གཞུང་གིས་ དམག་འཁྲུག་གི་གོད་ཆགས་ཆེ་བའི་སི་རི་ཡ་ནས་བྲོས་བྱོལ་དུ་ཡོང་མཁན་སྐྱབས་བཅོལ་བ་མང་ཙམ་ཞིག་ལེན་རྒྱུའི་འཆར་གཞི་ཡོད་ཅེས་ རེས་གཟའ་ལྷག་པའི་ཉིན་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ ཀཱེ་རི་ཡིས་གསུངས་ཡོད་ཀྱང་ གྲངས་འབོར་ངེས་གཏན་གང་ཡང་གསུངས་མེད་པ་རེད་ སྐུ་ཞབས་ཀཱེ་རི་ཡིས་ དེ་ཉིན་སྔ་དྲོ་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་་སྐྱབས་བཅོལ་བའི་གནད་དོན་ཐད་གོ་བསྡུར་གནང་བའི་རྗེས་སུ་གསར་འགོད་པར་གཏམ་བཤད་གནང་སྟེ་ ཨ་མི་རི་ཀ་ནི་ འཛམ་གླིང་གི་ས་ཕྱོགས་གང་དུ་ མི་ལ་དཀའ་སྡུག་གི་གནས་ཚུལ་བྱུང་བའི་གནད་དོན་དང་ ལྷག་པར་དུ་སྐྱབས་བཅོལ་གྱི་གནད་དོན་བྱུང་བའི་སྐབས་སུ་ སྣེ་འཁྲིད་ཀྱི་འགན་འཁུར་བླངས་ཏེ་རོགས་རམ་གང་ཐུབ་ཅི་ནུས་བྱེད་མཁན་ཞིག་ཡིན་པས་ ད་ལྟ་དཀྱིལ་ཤར་ཁུལ་ནས་སྐྱབས་བཅོལ་བ་ཁྱོན་ཆེ་ཡོང་བཞིན་པའི་གནས་སྟངས་འདིའི་སྐབས་སུའང་ ཨ་མི་རི་ཀའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱི་རོགས་རམ་བྱ་རྒྱུའི་འདོད་པ་ཡོད་ལུགས་་སྲིད་འཛིན་མཆོག་གིས་གསལ་པོ་གསུངས་ཡོག་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག་ ཕྱི་སྲིད་དྲུང་ཆེ་ཀཱེ་རི་ཡིས་ད་དུང་མུ་མཐུད་དེ་ ད་ལྟ་སི་རི་ཡེའི་ནང་ནས་ཡུ་རོབ་ཁུལ་དུ་སྐྱབས་བཅོལ་བ་ཕོན་ཆེ་འབྱོར་བཞིན་པའི་སྐབས་འདིར་ ང་ཚོས་ཀྱང་ལོ་ལྟར་ཕྱི་ནས་སྐྱབས་བཅོལ་བ་ལེན་གྱི་ཡོད་པ་དེའི་གྲངས་འབོར་ དུས་སང་མང་དུ་གཏོང་རྒྱུའི་འདོད་པ་ཡོད་ཡིན་ནའང་ གྲངས་འབོར་དེ་འབ་བསུ་བསྡུས་ཙམ་ཞིག་ངེས་པར་དུ་དགོས་པས་དེའི་ཐད་ད་ལྟ་བསམ་ཞིབ་ནན་པོ་བྱེད་བཞིན་པ་ཡིན་ཞེས་གསུངས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG