ཨ་མེ་རི་ཀའི་བྷོན་ཇཱོ་ཝི་ཡི་རོལ་ཚོགས་ད་ལྟའི་ཆར་ཨེ་ཤ་ཡའི་ཁུལ་དུ་གླུ་གཞས་གཏོང་ཆེད་སྐོར་བསྐྱོད་བྱེད་བཞིན་ཡོད་པ་དང་། གཟའ་འཁོར་རྗེས་མའི་ནང་དུ་རྒྱ་ནག་གི་ཧྲང་ཧེ་དང་པེ་ཅིན་གྱི་རོལ་དབྱངས་ཆེད་ཚོགས་འཚོག་གཏན་འཁེལ་ཏེ་འཛིན་བྱང་སོགས་བཙོང་ཚར་ཡང་། རྒྱ་ནག་གཞུང་གིས་རྒྱུ་མཚན་འགྲེལ་བརྗོད་མེད་པའི་ཐོག་ནས་བཀག་འགོག་བྱེད་ཡོད་པ་རེད། ཡིན་ན་ཡང་དབྱེ་ཞིབ་པ་ཚོས་རོལ་ཚོགས་འདི་ཡིས་སྤྱི་ལོ་༢༠༡༠ལོར་ཐེ་ཝན་དུ་རོལ་དབྱངས་དགོང་ཚོགས་འཚོགས་སྐབས། གར་སྟེགས་ཀྱི་རས་ཡོལ་ངོས་སུ། བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་པར་ཞིག་རྒྱབ་ལྗོངས་བྱས་ཏེ་འཁྲབ་སྟོན་བྱེད་མྱོང་བ་དང་ཡང་twitterདྲ་ཚིགས་ངོས་སུ་བོད་མིའི་དབུ་ཁྲིད་ཁོང་གི་གསུང་ཚིག་སོགས་འགྲེམས་སྤེལ་ཐེངས་མང་བྱེད་པ་རྒྱུ་མཚན་གཙོ་བོ་ཡིན་པར་ཚོད་དཔག་བྱེད་བཞིན་པ་རེད། ཡང་གོ་ལའི་དཔལ་འབྱོར་དུས་བབ་སོགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་འཁྲབ་སྟོན་བྱ་རྒྱུ་བཀག་འགོག་བྱེད་པའི་རིགས་འདྲ་བའི་ནུབ་ཕྱོགས་གླུ་གཞས་སྒྱུ་རྩལ་བ་གཞན་ཁག་ཅིག་ཀྱང་དཔྱད་བསྡུར་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གླུ་གཞས་སྒྱུ་རྩལ་བ་ཚོའི་ཐད་གཏོང་ཆེད་ཚོགས་ཁག་ལ་རྒྱ་ནག་གཞུང་གིས་ཞེད་སྣང་ཆེན་པོ་བྱེད་བཞིན་པ་སོགས་ཀྱི་དཔྱད་གླེང་བྱེད་ཀྱི་ཡོད་པ་རེད།