ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་ཉེན་རྟོག་པས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་ཞིག་འཛིན་བཟུང་བྱས།


སྤྱི་ཟླ་དགུ་པའི་ཚེས་དགུའི་ཉིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་དགུང་ལོ་༢༡ ཡིན་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་མཐོན་པོར་སྒྲེང་སྟེ་བོད་ལ་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་གོམ་བགྲོད་གནང་བར་བརྟེན་སྐབས་དེར་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་འགྱུར་ཡོད་པའི་སྐོར་ རྒྱལ་མཚན་ཚེ་རིང་གིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་གྱི་རེད།

XS
SM
MD
LG