ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་དམག་གྲངས་ཉུང་འཕྲི་བྱ་འཆར།


གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་པའི་མཛད་སྒོ་ཆེན་པོ་ཞིག་ཚོགས་པ་དང་། རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེ་ཁག་གི་སྟོབས་ཤུགས་ངོམ་སྟེ། ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་བརྡ་ཞིག་བཏང་ཡོད་ཅིང་། ཨ་མི་རི་ཀས་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྡིགས་ར་བསྐུལ་པ་དེར་སྐྱོན་བརྗོད་བྱས་འདུག སྲིད་འཛིན་ཞིས་ཅིན་ཕིང་གིསདམག་གི་རུ་སྒྲིག་ལ་གཟིགས་ཞིབ་བྱས་པའི་རྗེས་སུ་༢༠༡༧་མི་འགྱངས་པར་མི་དམངས་བཅིངས་འགྲལ་དམག་འབུམ་གསུམ་ཉུང་འཕྲི་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ད་ལྟ་རྒྱ་ནག་ལ་དམག་ས་ཡ་གཉིས་དང་འབུམ་གསུམ་ཡོད་པས། འཛམ་གླིང་གི་དམག་གྲངས་མང་ཤོས་ཀྱི་རྒྱལ་ཁབ་དེར་གྱུར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG