ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱོབས་མགོན་ཆེན་པོ་མཆོག་ཉེ་དུས་ ལ་དྭགས་ལ་ཆིབས་སྒྱུར་གནང་སྟེ། ལ་དྭགས་ནང་པའི་ཆོས་ཚོགས་ གཙོས་ས་གནས་དེའི་ཡེ་ཤུ་དང་ཁ་ཆེ། །ཧིན་རྡུ་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་དང་ས་གནས་ཀྱི་ཆབ་སྲིད་མི་སྣ་སོགས་བཅས་ཁྱོན་བསྡོམས་མི་མང་སྟོང་ཚོ་མང་པོས་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་ལ་བརྟན་བཞུགས་ཕུལ་ཡོད་ཅིང་། དེ་བཞིན་༢གོང་ས་མཆོག་གིས་དེང་སྐབས་ལ་དྭགས་ཀྱི་གཞོན་སྐྱེས་ཚོའི་ཁྲོད་དུ་ཆང་རག་འཐུང་མཁན་ཕྲན་བུ་མང་དུ་འགྲོ་བཞིན་ཡོད་པ་ནི་ འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་མེད་པ་ཞིག་ཡིན་ཞེས་ལམ་སྟོན་བཀའ་སློབ་ཟབ་མོ་ཞིག་ཕེབས་ཡོད་རེད།།

XS
SM
MD
LG