ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་བསོད་ནམས་སྟོབས་རྒྱལ་ཆེད་གཞུང་འབྲེལ་མཆོད་འབུལ།


ཁམས་ནང་ཆེན་ནས་ཡིན་པ་རང་ལོ་ ༢༦ ཡིན་པའི་བོད་པའི་དགེ་འདུན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་དང་། ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་ནང་དགོངས་པ་རྫོགས་ཡོད་པས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཏེ། དམ་པ་ཁོང་རྣམ་གཉིས་ལ་གཞུང་ཕྱོགས་ནས་གདུང་སེམས་མཉམ་སྐྱེས་ཀྱི་མྱ་ངན་རྗེས་དྲན་ཞུ་སླད། གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་་བཏང་བ་ཞིག་གནས་རོགས་གནང་།

XS
SM
MD
LG