ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་ལ་ས་འགུལ་རྒྱུག་པ།


གཟའ་པ་སངས་ཉིན་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཕི་ཤན་རྫོང་ལ་ས་ཡོམ་འགུལ་ཚད་༦་དང་གྲངས་ཉུང་༤་བརྒྱབ་སྟེ། མི་༦་ལ་སྲོག་སྐྱོན་དང་མི་༥༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅིང་། སྲོག་སྐྱོན་ཕོག་པ་དེ་དག་གི་གྲས་སུ་ཁྱིམ་ཚང་གཅིག་གི་ཕ་བུ་གཉིས་ཚུད་ཡོད་པ་དང་། ཞིན་ཅང་གི་ཡུ་གུར་པ་ཚོས་རང་གི་ཁང་པ་དེ་རྣམས་སྲོལ་རྒྱུན་གྱི་ལུགས་སྲོལ་ལྟར་ཀྱིག་རྩེ་དང་རྡོ། འདམ་འབག་དང་ཤིང་བཅས་ཀྱིས་བརྒྱབ་ཡོད་པས། ཐེངས་འདིའི་ས་ཡོམ་སྐབས་སུ་མི་མང་གི་ཁང་པ་སྟོང་ཕྲག་༣་ལྷག་བརྡིབས་པའམ། ཡང་ན་ཁང་པ་མང་དག་ཅིག་ལ་གཏོར་བཤིག་ཕོག་ནས་མི་སྡོད་ཐབས་མེད་པར་གྱུར་པ་དང་། རྒྱ་ནག་གི་དམངས་སྲིད་ལྷན་ཁང་གིས་གུར་སྟོང་ཕྲག་གཅིག་དང་སྨན། ཛ་དྲག་གི་ཉེར་མཁོ་ཅ་ལག་རྣམས་ཞིན་ཅང་གི་ཕི་ཤན་རྫོང་འཕྲལ་དུ་བཏང་སྟེ། ས་ཡོམ་གྱི་དཀའ་སྡུག་མྱོང་བའི་མི་མང་ལ་གནས་སྐབས་ཀྱི་འདུག་ས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG