ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱིས་ཁ་ས་གཟའ་ལྷག་པའི་ཉིན་རང་གི་མི་མང་གི་ནམ་རྒྱུན་གྱི་འཚོ་བར་དམ་དྲག་བྱེད་པ་སོཌ་དང་འབྲེལ་བ་ཡོད་པའི་བདེ་སྲུང་གི་ཁྲིམས་གཞི་གསར་པ་ཞིག་བཟོས་ཡོད་འདུག ཁྲིམས་གཞི་དེ་ནི། ཕྱི་རྒྱལ་གྱི་སྲིད་གཞུང་ཁག་དང་། ཚོང་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཚོས་སྐྱོན་བརྗོད་བྱས་པའི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་བྱུས་ཁག་གི་གྲས་སུ་ཡོད་པ་དང་། ཚིག་དོན་གསལ་པོ་དེ་ཙམ་མེད་པའི་ཁྲིམས་གཞི་གསར་པ་དེས་རྒྱ་ནག་གི་རྒྱལ་སྲིད་ཀྱི་དབང་ལུང་སྲུང་སྐྱོང་བྱ་རྒྱུར་རྒྱ་གཞུང་གིས་གང་ཅིའི་ལས་ཐབས་ལག་བསྟར་བྱེད་ཆོག་པའི་དབང་ཚད་སྤྲད་ཡོད་སྐོར་ཕུན་ཚོགས་ཚེ་རིང་གིས་ཕྱོཌ་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་གྱི་རེད།

XS
SM
MD
LG