ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༸གོང་ས་མཆོག་གི་འཁྲུངས་སྐར་གྱི་དགའ་སྟོན་བྱེད་མཁན་བོད་མི་ཞིག་དོ་དམ་བྱས་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་འདིར་ རྒྱ་ནག་གཞུང་གིས་འཁྲུངས་སྐར་ལ་དགའ་སྟོན་གྱི་བྱེད་སྒོ་སྤེལ་མཁན་དང་ དྲ་རྒྱའི་ནང་༧གོང་ས་མཆོག་གི་སྐུ་པར་འདོན་མཁན་བོད་མི་རྣམས་ལ་དྲག་གནོན་བྱེད་འགོ་བཙུགས་ཡོད་པར་བརྟེན་ ཨ་མདོ་རེབ་གོང་ནས་ཡིན་པའི་ལོ་ན་༢༥་ལ་སོན་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་Wechat ཐོག་ བོད་ཀྱི་རྒྱལ་དར་དང་ ༧གོང་ས་མཆོག་གི་སྐུ་པར་བཀོད་པའི་རྐྱེན་གྱིས་རྒྱ་གཞུང་གི་ནེན་རྟོག་པས་ཁོང་དོ་དམ་བྱས་ཡོད་པ་རེད།

XS
SM
MD
LG