ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀྲུག་ཡུང་ཁང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ།


རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་ཨང་དང་པོས་རྒྱ་ནག་གི་བདེ་འཇགས་འགོ་གཙོ་ཟུར་པ། ཀྲུག་ཡུང་ཁང་ལ་ལྐོག་ཟ་བྱས་པ་དང་སྲིད་དབང་བེད་སྤྱོད་པ་བཏང་བ། ཁོང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་ཐོག་ཏུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། ཀྲུག་ཡུང་ཁང་གི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ལེན་དང་ཁྱིམ་ཚང་གི་རྒྱུ་དངོས་རྣམས་ཀྱང་གཞུང་བཞེས་བཏང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཏེ། ལོ་ན་༧༢་ལ་སོན་པའི་རྒྱ་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཟུར་པ་ཀྲུག་ཡུང་ཁང་གིས་རང་ལ་ཁྲིམས་ཆད་ཕོག་པ་རྣམས་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུ་མ་རེད་ཅེས་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG