ངོ་འཕྲད་བདེ་བའི་དྲ་འབྲེལ།

སུད་སི་ནང་གནས་འཁོད་བོད་མི་ན་གཞོན་འགའ་ཤས་ཤིག་གིས། རྒྱ་ནག་ལ་ཨོ་ལོམ་པིཀ་རྩེད་རིགས་འགྲན་ཚོགས་ཀྱི་མགྲོན་བདག་གོ་སྐབས་སྤྲད་རྒྱུ་མེད་པའི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་། ༢༠༢༢ ལོའི་དགུན་དུས་ཨོ་ལོམ་པིཀ་རྩེད་འགྲན་གྱི་མགྲོན་བདག་གོ་སྐབས་ཐོབ་ཐབས་སླད། རྒྱ་ནག་གི་དཔོན་རིགས་ཚོས་སུད་སི་ཡི་གྲོང་ཁྱེར་ལུ་སན་གྱི་མགྲོན་ཁང་ཆེན་པོ་ཞིག་གི་ནང་གཏམ་བཤད་བྱེད་བཞིན་པའི་སྐབས་སུ། བོད་མི་འགའ་ཤས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་འདི། ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ངོ་རྒོལ་གྱི་ལས་འགུལ་ལ་བོད་མི་ན་གཞོན་ཁྱོན་༡༣ ཙམ་གྱིས་མཉམ་ཞུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ངོ་རྒོལ་བ་འགའ་ཤས་ཀྱིས་མགྲོན་ཁང་གི་ཕྱི་ལ་ངོ་རྒོལ་བྱས་ཡོད་པ་དང་། འགའ་ཤས་མགྲོན་ཁང་ནང་འཛུལ་ཏེ། རྒྱ་ནག་དང་ཨོ་ལོམ་པི་རྩེད་འགྲན་ཚོགས་ཆུང་གི་དཔོན་རིགས་ཚོའི་ཁྲོད་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG