ངོ་འཕྲད་བདེ་བའི་དྲ་འབྲེལ།

ང་ཚོར་དངུལ་གྱི་རོགས་རམ་དགོས་ཀྱི་མི་འདུག་འཐུང་ཆུ་གཙང་མ་དགོས་ཀྱི་ཡོད་ཅེས་བརྗོད་པ།


བོད་ཤར་ཕྱོགས་ཁུལ་དུ་རྒྱ་ནག་གཞུང་གིས་གཞུང་ལམ་གསར་རྒྱག་གི་ལས་གཞི་འཛུགས་བསྐྲུན་བྱས་པའི་རྐྱེན་གྱིས་ཁོར་ཡུག་འབག་བཙོག་བཟོས་ཏེ་ ཁུལ་དེར་གནས་སྡོད་བྱེད་མཁན་བོད་མི་ཚོས་ས་གནས་རྒྱ་ནག་གཞུང་ལ་ཞུ་གཏུགས་རིམ་པ་བྱས་ཀྱང་ ཉན་འཇོག་གཏན་ནས་མ་བྱས་པའི་ཁར་ གཤེ་གཤེ་དང་ ཁ་བརྡུང་གཏོང་གི་ཡོད་པ་དང་ བོད་མི་ཚོས་རྒྱ་ནག་གཞུང་ལ་ང་ཚོར་དངུལ་དང་ བཟའ་འབྲུའི་རོགས་རམ་དགོས་ཀྱི་མི་འདུག་ ང་ཚོར་འཐུང་ཆུ་གཙང་མ་དགོས་ཀྱི་ཡོད་ཅེས་རྗོད་ཀྱི་ཡོད་པའི་སྐོར་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པའི་འགན་འཛིན་ལ་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG