ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༢༠༡༥ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་པདྨ་ཆོས་སྒྲོན་ལ་ཐོབ་པ།


Miss Tibet 2015 (Photo From misstibet.com)
Miss Tibet 2015 (Photo From misstibet.com)

བོད་མི་བློ་བཟང་དབང་ཕྱུག་ལགས་ཀྱིས་གོ་སྒྲིག་གནང་བའི་ལོ་རེའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་བཞུགས་སྒར་རྡ་རམ་ས་ལར་ཕྱི་ཚེས་༨ཉིན་བྱས་ཏེ་མཐའ་མའི་རྒྱལ་ཁ་དེ་རྡེ་ར་རྡན་ནས་ཡིན་པའི་པདྨ་ཆོས་སྒྲོན་ལགས་ལ་ཐོབ་ཡོད་པ་རེད། ད་ལོ་༢༠༡༥ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་གསུམ་ཡོད་པ་ནི་རྡེ་ར་རྡན་ནས་པདྨ་ཆོས་སྒྲོན་ལགས་དང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་ནས་བློ་བཟང་སྐྱིད་འཛོམས་ལགས་དང་བལ་ཡུལ་སྦོག་ར་ནས་ཚེ་རིང་སྒྲོལ་མ་ལགས་བཅས་ཡིན་པ་དང་ མཛངས་མའི་འགྲན་བསྡུར་གྱི་དགོང་ཚོགས་སྐབས་སུ་ལྟད་མོ་བ་༣༠༠༠ཙམ་འཛོམས་ཡོད་པ་དང་ མཛངས་མའི་འགྲན་བསྡུར་ཐོབ་མཁན་པདྨ་ཆོས་སྒྲོན་ལགས་ཀྱིས་བྱ་དགའ་ཧིན་སྒོར་འབུམ་གཅིག་གི་ནང་ནས་ཁྲི་གཅིག་བལ་ཡུལ་དུ་ས་ཡོམ་ཁྲོད་དཀའ་ངལ་འཕྲད་མཁན་ཚོར་རོགས་སྐྱོར་ཆེད་དུ་སྤྲོད་རྒྱུ་ཡིན་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG