ངོ་འཕྲད་བདེ་བའི་དྲ་འབྲེལ།

མི་རིགས་གཞན་དང་འདྲེས་མའི་བོད་མིའི་ལོ་འཁོར་ཚོགས་འཛོམས་ཐེངས་གཉིས་པ་དེ་ མཇུག་བསྒྲེལ་ཡོད་འདུག དེ་ཡང་། ཟླ་བ་འདིའི་ཕྱི་ཚེས་༦ དང་༧ བཅས་ཉིན་གྲངས་གཉིས་ཀྱི་རིང་ཡོ་རོབ་ཀྱི་རྒྱལ་ཁབ་སུད་སི་ཡི་གྲོང་ཁྱེར་རྫུ་ རིག་ནང་། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་ནས་ཕེབས་པའི་ཕ་མ་མི་རིགས་འདྲེས་མའི་ བོད་མི་ཁྱོན་༡༥ ཙམ་འདུ་འཛོམས་གནང་སྟེ། ཉམས་མྱོང་དང་བསམ་ཚུལ་བརྗེ་ལེན་གྱི་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད་ཅིང་། ཕ་མ་མི་རིགས་འདྲེས་མའི་བོད་མིའི་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ ནང་། འདུ་ཚོགས་འདི་ནི་ཕ་མ་མི་རིགས་འདྲེས་མའི་བོད་མི་ཚོ་ཚོགས་འཛོམས་གནང་ས་དང་། ཉམས་མྱོང་བརྗེ་རེས་བྱེད་ས་། དེ་བཞིན། རང་ཉིད་ཀྱི་ངོ་བོ་དང་རིག་གཞུང་བཅས་ཀྱི་ཐད་གླེང་མོལ་བྱེད་སའི་སྡིང་ཆ་གལ་ཆེན་ ཞིག་ཡིན་ཞེས་དང་། འདུ་ཚོགས་འདི་ཡོ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱབ་གཉེར་ཡོད་པའི་ ཐོག་ནས་གོ་སྒྲིག་གནང་ཞིག་ཡིན་འདུག ཕ་མ་ མི་རིགས་འདྲེས་མའི་བོད་མིའི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོ་དེ་ཨིན་ཇིའི་རྒྱལ་ ས་ལོན་ཊོན་ནང་འཚོགས་ཡོད་ཅིང་། སྐབས་དེ་དུས་ཀྱང་ ཡོ་རོབ་དང་བྱང་ཨ་མི་རི་ཀ་བཅས་རྒྱལ་ཁབ་མང་པོ་ཞིག་ནས་བུ་མི་ཁྱོན་༢༠ ཙམ་གྱིས་མཉམ་ཞུགས་གནང་སྟེ། ཉམས་མྱོང་དང་བསམ་ཚུལ་བརྗེ་རེས་གནང་ཡོད་པ་རེད། ཚོགས་བཅར་བ་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ གིས་འཚམས་འཕྲིན་གནང་བའི་ནང་། གོ་སྐབས་འདི་དམ་འཛིན་གྱིས་། ཚོགས་བཅར་བ་ཚོས་རང་ཉིད་ཀྱི་ལོ་རྒྱུས་དང། མངོན་འདོད་གླེང་སློང་ཡོང་རྒྱུའི་རེ་བ་ཡོད་པ་དང་། བཙན་བྱོལ་ནང་གི་བོད་མིའི་སྤྱི་ཚོགས་འདི་ནུས་པ་ཆེ་རུ་ཡོང་ཐབས་དང་། བོད་ནང་གི་བོད་རིགས་སྤུན་ཟླར་གདུང་སེམས་མཉམ་བསྐྱེད་ཤུགས་ཆེ་བ་ཡོང་རྒྱུ་ སོགས་ཀྱི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG