ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་སོ་ཀྲེ་ལི་ཡའི་བོད་མི་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཡོད་པ།


ཨོསོ་ཀྲེ་ལི་ཡའི་ནང་ཡོད་པའི་བོད་མི་ཚོས་དེ་རིང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ཨོ་སོ་ཀྲེ་ལི་ཡའི་བོད་མི་ཚོས་བརྟན་བཞུགས་འབུལ་བའི་སྐབས་༧གོང་ས་༧སྐྱབས་གོན་ཆེན་པོ་མཆོག་ལ་དམ་བཅའ་བཞི་ཕུལ་ཡོད་པའི་ཁོངས་སུ་ཡུལ་དེའི་ནང་ཡོད་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་འཕེལ་འགྲོ་ཐབས་བྱས་པ་དང་བོད་མིའི་མཚན་ཤས་མི་ཡོང་བའི་འབད་བརྩོན་བྱ་རྒྱུ། བཙན་བྱོལ་སྒྲིཌ་འཛུགས་ཀྱི་སྲིད་བྱུས་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་དང་། ཡུལ་ཆུ་འཐུང་སྟེ་ཡུལ་ཁྲིམས་འཁྱེར་བའི་ལམ་ནས་རྒྱལ་ཁབ་ཀྱི་ཁྲིམས་གཞིར་སྲུང་རྩི་དང་ལེན་ཚུལ་བཞིན་ཞུས་ཏེ་བོད་མིའི་མཚན་ཤས་མི་ཡོང་བ་བྱ་རྒྱུ། དོལ་རྒྱལ་གྱི་རྗེས་འབྲང་བ་ཚོར་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱ་རྒྱུ་མིན་པ་བཅས་ཡིན་པའི་སྐོར་ཕུན་ཚོགས་ཚེ་རིང་ལཌ་ཀྱིས་ཨོ་སོ་ཀྲེ་ལི་ཡའི་དོན་གཅོད་ལས་ཁང་གི་དྲུང་ཆེ་སྐུ་ཞབས་བཀྲིས་ཐག་ཆོས་ལ་གནས་འདྲི་ཞུས་ཏེ་ཕྱོཌ་བསྒྲིཌ་ཞུས་པའི་གནས་ཚུལ་དེ་གནས་ཚུལ་དེ་གསན་གྱི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG